མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བའི་རྗེས་དྲན་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

    སྤེལ་དུས།  2019-01-17 16:48:08         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

微信截图_20190117165336.jpgYHnརྗེ་ཙོང་ཁ་པའི་དྲ་བ།

སྤྱི་ཟླ་དང་པོའི་ཚེས༡༤ཉིན་གྱི་སྔ་དྲོར། ཟི་ལིང་གྲོང་ཁྱེར་ཝན་ཏཱ་ཅ་ཧྭ་མགྲོན་ཁང་ཆེན་མོ་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ༣༠དང་སྐུ་འཁྲུངས་ནས་བགྲང་བྱ༨༠འཁོར་བའི་རྗེས་དྲན་བགྲོ་གླེང་ཚོགས་འདུ་གཟབ་རྒྱས་ངང་བསྡུས།YHnརྗེ་ཙོང་ཁ་པའི་དྲ་བ།

微信截图_20190117165358.jpgYHnརྗེ་ཙོང་ཁ་པའི་དྲ་བ།

ཐེངས་འདིའི་ཚོགས་འདུ་ནི་མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་ཞིང་། ཚོགས་སྟེང་དུ་མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱིའི་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་པའེ་ཕིན། ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཅན་ཆའེ་ཀྲང་། རྒྱལ་ཡོངས་གེ་སར་རིག་གནས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ནོར་བུ་དབང་ལྡན། ཞིང་ཆེན་རིག་གནས་ཐིན་གྱི་ཐིན་ཀྲང་གཞོན་པ་ཟུར་པའམ། བོད་རིག་པའི་ཞིབ་འཇུག་པ་སྐལ་བཟང་འབུམ། གཙང་བཀྲ་ཤིས་ལྷུན་པོ་དགོན་གྱི་བཀའ་ཆེན་བློ་བཟང་ཕྱོགས་ལེགས། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྒར་བ་ངག་དབང་བཟང་པོ་བཅས་ཞིང་ཆེན་ཕྱི་ནང་གི་དབུ་ཁྲིད་བློ་མཐུན་དང་། བླ་སྤྲུལ། དགེ་བཤེས། སློབ་ཆེན་དགེ་རྒན། ཤེས་ཡོན་པ་བརྒྱ་ཕྲག་ལྷག་ཚོགས་ཞུགས་གནང་། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་འདོ་བ་ཀུན་བཟང་ཤེས་རབ་ཀྱིས་རྗེས་དྲན་ཚོགས་འདུར་འགོ་འཛིན་བྱས།YHnརྗེ་ཙོང་ཁ་པའི་དྲ་བ།

微信截图_20190117165415.jpgYHnརྗེ་ཙོང་ཁ་པའི་དྲ་བ།

ཚོགས་འདུའི་སྟེང་དུ་བླ་སྤྲུལ་དང་། དགེ་བཤེས། དགེ་རྒན། ཤེས་ཡོན་པ་དག་གིས་ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་བཅུ་བ་མཆོག་འཚོ་བཞུགས་སྐབས་ཀྱི་མཛད་རྣམ་དང་། རྒྱལ་ཁབ་དང་མི་རིགས་ལས་དོན་ལ་རྩེ་གཅིག་ཏུ་གཞོལ་ཚུལ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྒྲིག་སྲོལ་བརྩི་སྲུང་ཐད་དཀའ་ངལ་འཕྲད་པའི་སྐབས་ལ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་འབོད་སྐུལ་གཏིང་ཟབ་བགྱིས་ཤིང་། ལྷག་དོན་ཁོང་ལ་དཔག་པར་དཀའ་བའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་གྱིས་ཕྱུག་པར་མ་ཟད། ང་ཚོས་ཁོང་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་། བླང་དོར་འབྱེད་པའི་རྣམ་དཔྱོད། དམངས་ལ་གཅེས་པའི་བྱམས་སེམས། ཁ་དན་ཚིག་ལ་གནས་ཤིང་ཆོས་ལུགས་སྐྱོང་བའི་རིས་མེད་ཀྱི་བསམ་བློ། གནད་ལ་ཐུག་སྐབས་སྔོན་དུ་གསུང་ཕོད་པ། ད་ལྟའི་གནས་ཚུལ་དུས་ཐོག་ཏུ་གསུང་སྤོབས་པ། མ་འོངས་བའི་བྱ་གཞག་ལ་དམིགས་སྟོན་གྱིས་གསུང་ནུས་པ་དང་། དེ་བཞིན་མི་འགྱུར་གསུང་གི་བཀའ་སློབ་ཡིག་འབྲི་ཁྲི་བདུན་མའི་སྙན་ཞུ་སོགས་གསུང་ཕོད་པའི་བློ་སྟོབས་དང་། སྒྲུབ་པར་ནུས་པའི་གདེང་ཚོད་བཅས་སྐྱེས་ཆེན་དམ་པ་དང་མགོ་ཁྲིད་ལེགས་པོ་ཁོང་ལ་སློབ་སྦྱོང་དང་རྗེས་དྲན་བྱེད་དགོས་ཞེས་གཏམ་བཤད་གལ་ཆེན་གནང་བྱུང་།YHnརྗེ་ཙོང་ཁ་པའི་དྲ་བ།

微信截图_20190117165432.jpgYHnརྗེ་ཙོང་ཁ་པའི་དྲ་བ།

ཐེངས་འདིའི་རྗེས་དྲན་ཚོགས་འདུའི་འཚོགས་ཡུན་ནི་ཉིན་གཉིས་རིང་ཡིན་ལ། རྗེས་དྲན་ཉིན་གཉིས་ཀྱི་རིང་ལ་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དགེ་བའི་བཤེས་གཉེན་ཆེན་མོ་དང་། ས་དགེ་བཀའ་རྙིང་གི་དགེ་བཤེས་དང་མཁན་པོ་བཅུ་ཕྲག་ལྷག་གིས་རྗེས་དྲན་ཀྱི་གཏམ་བཤད་རྒྱ་ཆེར་གནང་། དམིགས་བསལ་དམ་པ་ཁོང་གིས་རྒྱ་ཆེའི་དད་ལྡན་རོང་འབྲོག་མང་ཚོགས་ཀྱི་དོན་དུ་སྐུ་ཚེགས་ལ་མ་འཛེམས་པར་བྱ་བ་གང་ཅིའི་ཐད་ཐུགས་ཁུར་རྒྱ་ཆེར་གནང་ཡོད་པ་དྲན་གསོ་ཡོང་ཆེད་འོད་ཀྱི་ཀ་ཆེན་ཞེས་པའི་རྗེས་དྲན་དགོངས་ཚོགས་ཞིག་ཀྱང་བཀོད་སྒྲིགས་གནང་འདུག་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྔར་ལས་ལྷག་པའི་གྲུབ་འབྲས་དང་ཕན་ནུས་རྒྱ་ཆེར་བྱུང་སོང་།YHnརྗེ་ཙོང་ཁ་པའི་དྲ་བ།

ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ་ཚོགས་འདུ་མཇུག་བསྡུས། མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཞོན་དགེ་བཤེས་བློ་བཟང་ཡར་རྒྱས་ནས། སྤྱི་ལོ༢༠༡༩-༡-༡༥ཉིན།YHnརྗེ་ཙོང་ཁ་པའི་དྲ་བ།

1微信截图_20190117191615.jpgYHnརྗེ་ཙོང་ཁ་པའི་དྲ་བ།

སྤྱི་ལོ༢༠༡༩-༡-༡༥ཉིན། མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་བའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བའི་རྗེས་དྲན་ཚོགས་འདུ་འཚོགས་པའི་དགོས་པ་ནི།YHnརྗེ་ཙོང་ཁ་པའི་དྲ་བ།

དེ་ལ་སྤྱི་ལོ་༢༠༡༦ལོར་རྗེ་ཙོང་པ་དྲ་ཚིགས་ཞེས་པའི་སྐད་འཕྲིན་དྲྭ་ལམ་ནས་པཎ་ཆེན་སྐུ་ཕྲེང་བཅུ་བའི་འདས་མཆོད་ཀྱི་དུས་ཚོད་ལ་མི་མཐུན་པ་མང་པོ་ཡོད་པ་མཐོང་རྒྱུ་ཡོད་པས་དྲྭ་ལམ་ན་མཉམ་བཞུགས་གནང་མཁན་ཚང་མས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་བླ་ཆེན་ཉི་ཟླ་རྣམ་གཉིས་ལས༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བ་ཆེན་མོ་མཆོག་མི་རིགས་རིག་གཞུང་དང་བཅས་པ་སྣུམ་ཟད་མར་མེར་འགྱུར་ལ་ཉེ་བའི་སྐབས། དམ་པ་ཁོང་གིས་སྐུ་སྲོག་ལ་མ་འཛེམས་པར་ཉིན་མཚན་ལྷོད་མེད་དུ་བོད་མི་རིགས་ཀྱི་བྱ་བ་གང་ཅིའི་ཐད་བཀའ་དྲིན་སྐྱོང་གནང་མཛད་ཅིང་། ཁོང་འདས་ནས་ཡུན་རིང་མ་སོང་ཡང་འདས་ཚིག་གཏན་ཁེལ་ཞིག་མེད་པ་གང་འདྲ་ཡིན་ནམ་ཞེས་གླེང་སློང་ཆེན་པོ་བྱུང་། མཐའ་དོན། དམ་པ་ཁོང་གིས་གདན་ས་བཀྲ་ཤིས་ལྷུན་པོ་ནས་གདན་ས་རང་གི་ཕྱག་བཞེས་ལྟར།ཟླ་བ་གཅིག་གི་སྔོན་ནས་འདས་མཆོད་གནང་བ་དང་། ཁམས་དབུས་གཙང་མདོ་སྨད་ཀྱི་ས་ཆ་ལ་ལ་ནས་བོད་རྩིས་ལྟར་དང་མདོ་སྨད་ས་ཆ་ཕལ་ཆེར་རྒྱ་རྩིས་ལྟར་འདས་མཆོད་གནང་བ་སོགས་ཀྱི་རྐྱེན་གྱིས་འདས་མཆོད་གཅིག་གྱུར་ཞིག་བྱུང་ཐབས་མེད་པ་ཤེས་རྟོགས་བྱུང་བར་བརྟེན།YHnརྗེ་ཙོང་ཁ་པའི་དྲ་བ།

微信截图_20190117165447.jpgYHnརྗེ་ཙོང་ཁ་པའི་དྲ་བ།

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནི་སྤྱིར་བླ་ཆེན་དང་དཔོན་ཆེན་ཡིན་པ་མ་ཟད་ལོ་རྒྱུས་རང་བཞིན་ལྡན་པའི་འཛམ་གླིང་ན་སྙན་གྲགས་ཡོད་པའི་མི་སྣ་གལ་ཆེན་ཞིག་ཡིན་པའི་ཆ་ནས་འཛམ་གླིང་སྤྱི་མཐུན་གྱི་སྤྱི་ཟླའི་ཚེས་གྲངས་ལྟར་གཏན་ཁེལ་བཅས། སྤྱི་ལོ༢༠༡༧-༡-༢༨ཉིན་ཚོགས་ཐེངས་དང་པོ་འཚོགས་རྒྱུར་མོས་མཐུན་བྱུང་བ་དེ་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་དང་དྲུང་ཡིག་ཆེན་མོ་སོགས་འབྲེལ་ཡོད་ལ་བཀའ་གྲོས་དང་འབྲེལ་ཁོང་རྣམ་པས་རྒྱབ་སྐྱོར་བླ་མེད་གནང་སྟེ། ༢༠༡༧ལོ་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་དྲུག་དང་དམ་པ་ཁོང་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་མདོ་དབུས་ཁམས་གསུམ་ས་གནས་གལ་ཆེན་དང་སློབ་གྲྭ་སོགས་ཀྱིས་སྐུ་ཚབ་མི་སྣའི་དཔུང་སྡེ་གདན་ཞུས་ཀྱིས་དམ་པ་ཁོང་གིས་བོད་མི་རིགས་རྗེས་ལུས་ཀྱི་རྣམ་པ་བསྒྱུར་མ་ཐུབ་ན་ང་ཤི་མྱིག་མི་བཙུམ་ཞེས་པའི་བཀའ་གསུངས་བཞིན།ང་ཚོ་བོད་མི་རིགས་འདི་མི་རིགས་གཞན་དང་མཉམ་དུ་ཡར་རྒྱས་དང་གོང་འཕེལ་དུ་འགྲོ་དགོས་པའི་བཀའ་དགོངས།YHnརྗེ་ཙོང་ཁ་པའི་དྲ་བ།

微信截图_20190117165540.jpgYHnརྗེ་ཙོང་ཁ་པའི་དྲ་བ།

༡༽  པཎ་ཆེན་སྐུ་ཕྲེང་རིམ་བྱོན།YHnརྗེ་ཙོང་ཁ་པའི་དྲ་བ།

༢༽  མི་གཤིས་ཀུན་སྤྱོད།YHnརྗེ་ཙོང་ཁ་པའི་དྲ་བ།

༣༽ . སྐད་ཡིག་རྒྱུད་འཛིན།YHnརྗེ་ཙོང་ཁ་པའི་དྲ་བ།

༤༽ . ཆོས་ལུགས་རིས་མེད།YHnརྗེ་ཙོང་ཁ་པའི་དྲ་བ།

༥༽ . རིག་གཞུང་རྒྱུད་འཛིན།YHnརྗེ་ཙོང་ཁ་པའི་དྲ་བ།

༦ ༽ . གནའ་རྫས་སྲུང་སྐྱོབ།YHnརྗེ་ཙོང་ཁ་པའི་དྲ་བ།

༧༽  ཚོང་ལས་དཔལ་འབྱོར།YHnརྗེ་ཙོང་ཁ་པའི་དྲ་བ།

༨༽ . མི་རིགས་མཐུན་འབྲེལ།YHnརྗེ་ཙོང་ཁ་པའི་དྲ་བ།

༩༽ . འཁོར་ཡུག་སྲུང་སྐྱོབ།YHnརྗེ་ཙོང་ཁ་པའི་དྲ་བ།

༡༠༽ . ཁྲིམས་ལུགས་བརྩི་སྲུང་སོགས་བརྗོད་གཞི་དོན་ཚན་བཅུ་གཙོ་ཆེར་བགྲོ་གླེང་གནང་སྟེ་རྒྱལ་སྤྱི་རྒྱལ་ནང་གི་ཁྱབ་སྒྲགས་ཆེ་བའི་གསར་འགྱུར་དང་དྲྭ་ལམ་ཁག་བཅུ་ལྷག་ནས་ཁྱབ་སྒྲགས་ནུས་པ་ཤུགས་ཆེན་ཐོན་ཡོད་པ་མ་ཟད། མང་ཚོགས་ཀྱི་སེམས་ལ་ཡང་ལོ་ངོ་སུམ་ཅུའི་སྔོན་གྱི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཞལ་མཇལ་གསུང་ཐོས་ཀྱི་སྐབས་དང་གཉིས་སུ་མ་མཆིས་པའི་ནུས་པ་ཐོན་ཡོད།YHnརྗེ་ཙོང་ཁ་པའི་དྲ་བ།

微信截图_20190117165502.jpgYHnརྗེ་ཙོང་ཁ་པའི་དྲ་བ།

ཞིབ་འཇུག་ཚོགས་པས་ལོ་གཉིས་རེ་མཚམས་ནས་རྗེས་དྲན་ཐེངས་རེ་འཚོགས་རྒྱུའི་གཏན་ཁེལ་བ་བཞིན་འདི་ལོ་ཡང་ཞིབ་འཇུག་ཚོགས་པའི་རྒྱབ་སྐྱོར་དང་། གཙོ་ཆེར་དད་གཏོང་ལྷག་བསམ་ཡངས་པ་རྔ་བའི་ཚོང་དཔོན་བཀྲ་ཤིས་དོན་གྲུབ་ཀྱིས་སྦྱིན་བདག་དང་ཚེ་རིང་དབང་ཆེན་ནས་དཀའ་ངལ་ཁྱད་བསད་བཅས་ལ་བརྟེན་ནས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བའི་རྗེས་དྲན་ཐེངས་གཉིས་པ་ཡང་པཎ་ཆེན་རིན་པོ་ཆེའི་བཀའ་དགོངས་བརྗོད་གཞི་བྱས་ཏེ་བགྲོ་གླེང་ལྷུག་པོར་གནང་བར་སྔར་ལས་ལྷག་པའི་གྲུབ་འབྲས་ཐོན་ཡོད་པས་འབྲེལ་ཡོད་ཚང་མ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ།YHnརྗེ་ཙོང་ཁ་པའི་དྲ་བ།

༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བའི་རྗེས་དྲན་ཐེངས་གསུམ་པ་ལོ་རྒྱུས་རང་བཞིན་ལྡན་པའི་མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་པཎ་ཆེན་ཤངས་སྡེར་འཚོགས་རྒྱུར་གཏན་ཁེལ་སོང་བས་སྐབས་དེར་འབྲེལ་ཡོད་ལས་ཁུངས་དང་ཁྱད་མཁས་པ་རྣམས་ཀྱི་རྒྱབ་སྐྱོར་ལ་ཁ་འབྲལ་ཐབས་མེད་པས་དེ་ལུགས་ཐུགས་ནས་མ་བོར་བ་ཞུ་བཅས།YHnརྗེ་ཙོང་ཁ་པའི་དྲ་བ།

1微信截图_20190117191636.jpgYHnརྗེ་ཙོང་ཁ་པའི་དྲ་བ།

ཐེངས་འདིའི་ཚོགས་ཞུགས་པ་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་སྤྱི་ཁྱབ་ལག་བསྟར་བ། རབ་འབྱམས་ཞིབ་འཇུག་པ། ཀླུ་རྡེའུ་རྟ་མགྲིན་སྐྱབས་ཀྱིས།YHnརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།