མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །༼ ལམ་སྔགས་གསེར་བྲིས ༽ འཛམ་གླིང་ཟིན་ཐོར་ཚུད།

ཡོང་ཁུངས།   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས།  2019-12-11 15:08:14         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

WechatIMG513.jpegXLzརྗེ་ཙོང་ཁ་པའི་དྲ་བ།

ཟླ11པའི་ཚེས21ཉིན། དགེ་འདུན་མཆོག་གྲུབ་ཀྱིས་གྲོས་འགོ་བཏོན་ཞིང་མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་གླིང་གིས་འགན་སྒྲུབ་མཛད་པའི༼ལམ་སྔགས་གསེར་བྲིས་ཆེན་མོ༽ཞེས་པ་འཛམ་གླིང་ཟིན་ཐོར་ཚུད་པ་དང་དབྱིན་ཇིའི་དབང་གྲགས་ཆེ་བའི་འཛམ་གླིང་ཟིན་ཐོ་ངོས་ལེན་ལས་ཁུངས(WRCA)ཡིས་ངོས་ལེན་ཐོབ་པ་ཁྱབ་སྒྲོག་དང་དཔང་ཡིག་སྤྲོད་པའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་དུ་བསྡུས། མཛད་སྒོའི་སྟེང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་གཡུ་སྒྲོན་མཚོ་དང་། གཅན་ཚ་རྫོང་མི་དམངས་སྲིད་གཞུང་རྒྱུན་ལས་རྫོང་དཔོན་གཞོན་པ་ནོར་བུ་རྒྱལ་མཚོ། གཅན་ཚ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ལི་ལིས་ཁའོ་དང་ལམ་སྔགས་གསེར་བྲིས་ཆེན་མོའི་གྲོས་འགོ་འདོན་མཁན་དགེ་འདུན་མཆོག་གྲུབ། མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་ཐོན་ལས་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་བརྩོན་འགྲུས་སོགས་ཕེབས་ཡོད་པ་རེད།XLzརྗེ་ཙོང་ཁ་པའི་དྲ་བ།

WechatIMG514.jpegXLzརྗེ་ཙོང་ཁ་པའི་དྲ་བ།

མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་ཐོན་ལས་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་བརྩོན་འགྲུས་ཀྱིས་བཤད་རྒྱུར། ངེད་བཀའ་བསྟན་གསེར་བྲིས་གླིང་གིས་བཞེངས་པའི་ལམ་སྔགས་གསེར་བྲིས་མ་འདིའི་ཕོན་ཆེ་ཆུང་དང་། རྒྱུ་སྤུས་སོགས་གང་གི་ཆ་ནས་མཆོག་ཏུ་གྱུར་ལ། མིག་སྔར་ཡོད་པའི་རྒྱལ་བའི་གསུང་རབ་གསེར་བྲིས་མ་ཆེ་ཤོས་དང་།  གླེགས་བམ་མཐུག་ཤོས་དེ་ཡིན། ལྷག་པར་དུ་རྒྱུ་ཆ་ལ་ཧ་ཅང་དང་དོད་ཆེན་པོ་བྱས་ནས་གསེར་ཞུན་ལས་མཆོག་ཏུ་གྱུར་བ་དང་བོད་ཤོག་ལས་གནའ་བོའི་བོད་ཤོག་བཟོ་རྩལ་རྣལ་མ་སྤྱད་ཡོད་པས་ཆུ་དང་འཕྲད་ཀྱང་རུལ་དཀའ་བ།  རྙིང་ཐེག་པ།   དུས་ཡུན་འགོར་ཡང་འབྱར་ཞིང་རལ་སྐྱོན་འབྱུང་མི་སླ་བ། ལོ་ངོ་བརྒྱ་ཕྲག་མང་པོ་འདས་རུང་མདངས་མི་ཤོར་བ། བཀླག་ན་མིག་ལ་བདེ་ཞིང་ཉར་ན་རིན་ཐང་ཆེ་བ་སོགས་ཀྱི་ཁྱད་ཆོས་མང་པོ་ལྡན་པའི་ལོ་རྒྱུས་ཀྱི་དཔེ་གསོན་པོ་སྔ་ན་མེད་པ་ཞིག་ཡིན་ཟེར། XLzརྗེ་ཙོང་ཁ་པའི་དྲ་བ།

WechatIMG516.jpegXLzརྗེ་ཙོང་ཁ་པའི་དྲ་བ།

ཤེས་གསལ་ལྟར་ན།  གསེར་བྲིས་ཆེན་མོ་འདི་ནི་ཁྱོན་སྡོམ་གསེར་བྲིས་པ་བཅུ་དང་།  ཞུ་དག་པ་གྲྭ་བ་གཉིས་དང་། ལྷ་བཟོ་གསུམ། བོད་ཤོག་ལས་སྣོན་པ་བཞི། གསེར་འདུལ་བ་བཞི་སོགས་ཀྱིས་ཟླ་བ་བཅུ་ལྷག་ལ་བཞེངས་ནས་གྲུབ་སྐད། དེ་ཡང་གླེགས་བམ་གི་ཆེ་ཆུང་ལས་ཞེང་ལ་སྐར་མ63དང་སྲིད་ལ་སྐར་མ142.5། ཤོག་ངོས་རེར་ཐིག་ཕྲེང12ཡོད་པ།  ལམ་སྔགས་གཉིས་ཀའི་ཤོག་ལྷེ་རེར་ཆ་སྙོམས་ཡིག་འབྲུ་སྟོང་གཅིག་ལྔ་བརྒྱ་ལྷག་སྟེ།  ཁྱོན་བསྡོམས་ཡིག་འབྲུ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དྲུག་ལྷག   ལམ་རིམ་ལ་ཤོག་གྲངས393དང་། སྔགས་རིམ་ལ་ཤོག་གྲངས377ཏེ་ཁྱོན་བསྡོམས་ཤོག་གྲངས770ཡོད་པ་སོགས་ལམ་སྔགས་གཉིས་ཀྱི་གླེགས་བམ་གསེར་བྲིས་མ་འདིའི་སྤྱིའི་འགྲོ་སོང་ལ་སྒོར་ས་ཡ་བཞི་དང་འབུམ་གསུམ་ཁྲི་གསུམ་སྟོང་གསུམ་བརྒྱད་བརྒྱ(4333800)བཏང་ཡོད་པ་རེད། XLzརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།