མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །རྗེས་དྲན་མྱ་ངན་མཆོད་འབུལ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2019-10-29 09:04:39         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

1.jpgyBQརྗེ་ཙོང་ཁ་པའི་དྲ་བ།

མདོ་ཁམས་འཇང་དགུན་ཆོས་ཚོགས་ཆེན་མོའི་ཚོགས་གཙོ་སེར་བྱེས་ལྷ་རམས་པ་མཁས་དབང་དགེ་བཤེས་འཇམ་དཔལ་བློ་ཤེས་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པར་མྱ་ངན་དང་འབྲེལ་དགོངས་རྫོགས་མཆོད་འབུལ།yBQརྗེ་ཙོང་ཁ་པའི་དྲ་བ།

2.jpgyBQརྗེ་ཙོང་ཁ་པའི་དྲ་བ།

དེ་ཡང་མདོ་ཁམས་འཇང་དགུན་ཆོས་ཀྱི་ཚོགས་གཙོ་སེར་བྱེས་ལྷ་རམས་པ་མཁས་དབང་འཇམ་དཔལ་བློ་ཤེས་མཆོག་དགོངས་པ་རྫོགས་པའི་ཉིན་གསུམ་པར་མདོ་ཁམས་འཇང་དགུན་ཆོས་ཁོངས་གཏོགས་ཀྱི་ཁམས་ཡུལ་ཤུལ་དང་རྫ་ཆུ་ཁའི་ཉེ་ཕྱོགས་ཀྱི་དགོན་པ་སོ་སོའི་སྐུ་ཚབ་མི་སྣ་གསུམ་ཙམ་དང་འབྲེལ་ཡོད་བླ་སྤྲུལ་དགེ་བཤེས་མང་པོ་ཕེབས་ནས་དམ་པ་ཁོང་གི་ཐུགས་དགོངས་རྫོགས་པའི་ཕྱིར། རྗེ་བླ་མ་ལ་བརྟེན་པའི་བླ་མཆོད་བདེ་སྟོང་དབྱེར་མེད་དང་འབྲེལ་བའི་ཚོགས་མཆོད་ཀྱི་གདུང་མཆོད་རྒྱ་ཆེར་འབུལ།yBQརྗེ་ཙོང་ཁ་པའི་དྲ་བ།

3.jpgyBQརྗེ་ཙོང་ཁ་པའི་དྲ་བ།

མཁས་དབང་མཆོག་གིས་མདོ་ཁམས་འཇང་དགུན་ཆོས་སྐབས་བཞི་བའི་ཚོགས་གཙོ་གནང་སྐབས། སངས་རྒྱས་ཀྱི་བསྟན་པ་དགེ་འདུན་གྱི་སྡེ་ལ་རགས་ལས་ཤིང་དགེ་འདུན་གྱི་སྡེ་ཡང་དགེ་འདུན་གྱི་ནང་ཁྲིམས་ལ་རགས་ལས་པས། དེ་ཡང་འདུལ་བའི་བཅས་ཁྲིམས་གཙིགས་སུ་འཛིན་པའི་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་བསླབ་པ་གསུམ་གྱི་ཉམས་ལེན་བྱེད་དགོས་པའི་༧འཇམ་མགོན་ཆོས་ཀྱི་རྒྱལ་པོའི་བཀའ་དགོངས་དྲི་མ་མེད་པ་དང་། གདན་ས་ཆེན་པོ་རྣམ་གསུམ་ནས་རྒྱུད་པའི་སྒྲིག་ལམ་དང་སྒྲིག་ཡིག་རྒྱུགས་སྤྲོད་ཀྱི་རིམ་པ་སོགས་གཏན་འབེབས་ཡང་དག་གནང་བ་མ་ཟད།  ཆོས་ཚོགས་ཀྱི་སྐབས་རྒྱུན་ལས་གཞན་དང་འདྲ་མཉམ་ཀྱི་བྱ་བར་དངོས་ལ་ཞུགས་ནས་ལག་བསྟར་ནན་པོ་གནང་།  དེ་ནས་བཟུང་མདོ་ཁམས་འཇང་དགུན་ཆོས་གཞན་དང་མི་འདྲ་བའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དམ་ཁོང་གི་བཀའ་དྲིན་ཉག་ཅིག་ལས་བྱུང་བ་ཚང་མས་མཁྱེན་གསལ་ལྟར་ཡིན།yBQརྗེ་ཙོང་ཁ་པའི་དྲ་བ།

4.jpgyBQརྗེ་ཙོང་ཁ་པའི་དྲ་བ།

༢༠༡༨ལོ་མདོ་ཁམས་འཇང་དགུན་ཆོས་རྒྱུན་ལས་འཕོ་འགྱུར་གྱི་དུས་ལ་སླེབས་ཤིང་། དགོན་པ་སོ་སོའི་སྐུ་ཚབ་མི་སྣ་སོགས་ཚོགས་འདུ་རྒྱས་འཛོམས་ཀྱི་མང་འོས་ལམ་ནས་སླར་ཡང་མཁས་དབང་དགེ་བཤེས་འཇམ་དཔལ་བློ་ཤེས་མཆོག་ཚོགས་གཙོར་འོས་འདེམས་བྱུང་།  ཡིན་ཡང་སྐབས་དེ་ནས་བཟུང་སྐུའི་སྙུང་གཞིའི་རྐྱེན་གྱིས་བྱ་བ་དངོས་ལ་ཞུགས་རྒྱུ་མ་བྱུང་ཡང་།  མདོ་ཁམས་འཇང་དགུན་ཆོས་སྐབས་དྲུག་པའི་རྒྱུན་ལས་ཀྱི་བྱ་བ་གནད་ཆེ་ཚང་མ་དམ་པ་ཁོང་ལ་བཀའ་གྲོས་དང་འབྲེལ་མཁས་དབང་མཆོག་གིས་མདོ་ཁམས་འཇང་དགུན་ཆོས་སྐབས་བཞི་བའི་ཚོགས་གཙོ་གནང་སྐབས་ཀྱི་སྒྲིག་ལམ་རྒྱུགས་སྤྲོད་རིམ་པ་གཏན་འབེབས་གཞིར་བཞག་ཐོག་མདོ་ཁམས་འཇང་དགུ་ཆོས་ཐེངས་ཉི་ཤུ་པ་ལེགས་གྲུབ་བྱུང་ཡོད་པ་དང་།ཐེངས་རྗེས་མ་གཉིས་ཀྱང་ཁྱེད་ཀྱི་བཀའ་དགོངས་གཞིར་བཟུང་གིས་ལེགས་འགྲུབ་ཡོང་བའི་རེ་བ་དང་འདུན་པ་བཅངས་བཞིན་ཡོད་པས།  འདི་ཡང་དམ་པ་ཁྱེད་ཀྱིས་ཐུགས་དགོངས་ཟབ་མོ་རྫོགས་པའི་རྒྱུར་འགྱུར་བའི་སྨོན་འདུན་དང་བཅས།yBQརྗེ་ཙོང་ཁ་པའི་དྲ་བ།

5.jpgyBQརྗེ་ཙོང་ཁ་པའི་དྲ་བ།

མདོ་ཁམས་འཇང་དགུན་ཆོས་གཙུག་ལག་སློབ་གཉེར་ཁང་སྐབས་དྲུག་པའི་རྒྱུན་ལས་ལྷན་ཚོགས་ཀྱིས།  yBQརྗེ་ཙོང་ཁ་པའི་དྲ་བ།

༢༠༡༩-༡༠-༢༩-ཉིན།yBQརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།