མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

​གཏེར་སྒྲུང་པ་གྲགས་ཅན་གུ་རུ་རྒྱལ་མཚན་མཆོག་ལ་སྙིང་ནས་མྱ་ངན་ཞུ།

    སྤེལ་དུས།  2019-05-17 10:06:02     རྩོམ་པ་པོ།   གཅོད་པ་དོན་གྲུབ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

སྔོ་བསངས་སྐབས་གསུམ་ལམ་ནས་གློ་བུར་དུ།།GHnརྗེ་ཙོང་ཁ་པའི་དྲ་བ།

རབ་གསལ་རྒྱུ་སྐར་འོད་ཆེན་མདངས་ལྡན་ཞིག།GHnརྗེ་ཙོང་ཁ་པའི་དྲ་བ།

དབྱིག་ལྡན་ནོར་འཛིན་ཡངས་པའི་ཕང་བར་ལྷུང་།།GHnརྗེ་ཙོང་ཁ་པའི་དྲ་བ།

ས་གཞི་ཆེན་པོར་མུན་པས་གཡོགས་དང་མཚུངས།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

རྨ་ཡུལ་གཏེར་སྒྲུང་གྲགས་ཅན་གུར་རྒྱན་མཆོག།GHnརྗེ་ཙོང་ཁ་པའི་དྲ་བ།

སྐུ་ཚེ་རྫོགས་པའི་གཏམ་ངན་སྙིང་གཟེར་བ།།GHnརྗེ་ཙོང་ཁ་པའི་དྲ་བ།

སྒྲ་འཛིན་ལམ་དུ་དབང་མེད་ཐོས་པས་ན།།GHnརྗེ་ཙོང་ཁ་པའི་དྲ་བ།

ཡིད་སེམས་གཏིང་དུ་སྐྱོ་བའི་སྨུག་ལོང་འཕྱུར།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

གནམ་འདེགས་ཀ་ཆེན་ལྟ་བུའི་སྐྱེས་བུ་ཁྱོད།།GHnརྗེ་ཙོང་ཁ་པའི་དྲ་བ།

གེ་སར་རིག་པའི་ཀློང་ན་འགྲན་ཟླས་དབེན།།GHnརྗེ་ཙོང་ཁ་པའི་དྲ་བ།

ཉིད་ཀྱི་གླིང་སྒྲུང་བྲག་རི་ཇི་བཞིན་དུ།།GHnརྗེ་ཙོང་ཁ་པའི་དྲ་བ།

མཆིས་པའི་རྒྱུན་འཛིན་ཕྱི་རབས་སུ་ཞིག་བྱ།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

བགྲང་བྱ་སུམ་ཅུའི་གེ་སར་སྲུང་སྐྱོབ་ཁྲོད།།GHnརྗེ་ཙོང་ཁ་པའི་དྲ་བ།

ངེད་ཅག་ལྷན་དུ་ཡུལ་ཁམས་གང་མང་འགྲིམས།།GHnརྗེ་ཙོང་ཁ་པའི་དྲ་བ།

ཁྱེད་ཀྱི་སྐད་གྲགས་འཛམ་གླིང་ཡོངས་སུ་ཁྱབ།།GHnརྗེ་ཙོང་ཁ་པའི་དྲ་བ།

བསྔགས་པའི་མེ་ཏོག་འཛིན་མའི་ཁྱོན་དུ་འཐོར།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

གཏེར་སྒྲུང་འགའ་རེ་བོད་ཡུལ་ཀུན་ན་མཆིས།།GHnརྗེ་ཙོང་ཁ་པའི་དྲ་བ།

ཕྱི་ཚུལ་རྣམ་པ་ཀུན་ལས་རབ་མཛེས་ཤིང་།།GHnརྗེ་ཙོང་ཁ་པའི་དྲ་བ།

ངག་རྟ་སྙན་མོ་ཡིན་ཅེས་སིང་སིང་སྒྲོག།GHnརྗེ་ཙོང་ཁ་པའི་དྲ་བ།

ཉིད་ལ་འགྲན་ནུས་སྒྲུང་མཁན་ཡོད་རེ་སྐན།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

ཁྱོད་ལགས་སྐུ་ན་ཕྲ་དུས་ཡབ་ཡུམ་ཟུང་།།GHnརྗེ་ཙོང་ཁ་པའི་དྲ་བ།

སྐུ་ཚེའི་འཕེན་པ་རྫོགས་པས་དྭ་ཕྲུག་གྱུར།།GHnརྗེ་ཙོང་ཁ་པའི་དྲ་བ།

མཐའ་མར་བདག་མེད་གཙོད་ཕྲུག་བཞིན།།GHnརྗེ་ཙོང་ཁ་པའི་དྲ་བ།

རྫ་སྒང་རི་ལུང་མི་ལྡོམ་ཐབས་མེད་བྱུང་།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

དཀའ་བ་སྟོང་གིས་གདུང་སྟེ་ཡུལ་ཕྱོགས་གཞན།།GHnརྗེ་ཙོང་ཁ་པའི་དྲ་བ།

འཁྱམས་ནས་དྲིན་ཅན་མ་ལོར་རིམ་གྲོ་བསྒྲུབས།།GHnརྗེ་ཙོང་ཁ་པའི་དྲ་བ།

ཕྱིས་སུ་ཐབས་ཟད་འུ་ཐུག་འོབས་སུ་ལྟུང་།།GHnརྗེ་ཙོང་ཁ་པའི་དྲ་བ།

ཕ་ཡུལ་དགའ་བདེ་ཕྱོགས་སུ་སྐྱོད་དགོས་བྱུང་།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

དེ་ནས་ཁྱིམ་གྱི་སྦྲ་ནག་སྣོད་ཅ་སོགས།།GHnརྗེ་ཙོང་ཁ་པའི་དྲ་བ།

གཅིག་ཀྱང་མ་ལུས་ལུང་སྔོན་དགོན་པར་ཕུལ།།GHnརྗེ་ཙོང་ཁ་པའི་དྲ་བ།

ཉིད་ཀྱང་དགོན་སྡེར་འགྲིམས་ནས་དགེ་ལ་བརྩོན།།GHnརྗེ་ཙོང་ཁ་པའི་དྲ་བ།

འཚོ་བ་གསར་བ་ཞིག་གི་འགོ་བརྩམས་བྱུང་།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

ལོ་ན་ཕྲ་ཡང་བློ་རིག་རྣམ་པར་གསལ།།GHnརྗེ་ཙོང་ཁ་པའི་དྲ་བ།

དམ་པའི་ཆོས་ལ་དད་པ་ཟློག་མེད་མཆིས།།GHnརྗེ་ཙོང་ཁ་པའི་དྲ་བ།

རིག་གནས་སློབ་པའི་སྲེད་པ་ཀུན་ལས་མཆོག།GHnརྗེ་ཙོང་ཁ་པའི་དྲ་བ།

ཀུན་དང་མཐུན་པའི་རང་གཤིས་ལྷན་སྐྱེས་མངའ།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

ཡིན་ཡང་དུས་ཡུན་རིང་བོ་འདས་པའི་མཐར།།GHnརྗེ་ཙོང་ཁ་པའི་དྲ་བ།

གླིང་སྒྲུང་འབྲི་འདོད་བློ་འདུན་དབང་མེད་སྐྱེས།།GHnརྗེ་ཙོང་ཁ་པའི་དྲ་བ།

གེ་སར་རིག་གནས་འཚོལ་བའི་སྤོབས་པས་བསྐུལ།།GHnརྗེ་ཙོང་ཁ་པའི་དྲ་བ།

དགོན་པའི་ཚོགས་ལས་འབྲལ་རྒྱུའི་སེམས་ཐག་བཅད།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

དེ་ནས་སྡོམ་པ་སླར་འབུལ་བྱས་པའི་ཐོག།GHnརྗེ་ཙོང་ཁ་པའི་དྲ་བ།

དགའ་སྐྱོ་གཉིས་ལྡན་ངང་ནས་གྲོང་སྡེར་ཆས།།GHnརྗེ་ཙོང་ཁ་པའི་དྲ་བ།

སྒྲུང་དང་སྒྲུང་རྟ་མང་པོ་ཡིད་ལ་ཤར།།GHnརྗེ་ཙོང་ཁ་པའི་དྲ་བ།

གཟུགས་མེད་ལྷ་ཡིས་རོགས་འདེགས་བགྱིས་ཅེས་སྐད།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

གནས་ཡུལ་གང་དུ་ཆས་ཀྱང་གེ་སར་སྒྲུང་།།GHnརྗེ་ཙོང་ཁ་པའི་དྲ་བ།

མགུར་གླུ་བཅས་བ་སྦྱང་བརྩོན་ལྷོད་མེད་གནང་།།GHnརྗེ་ཙོང་ཁ་པའི་དྲ་བ།

གྲོང་བའི་བྱིས་པར་སློབ་ཁྲིད་ལོ་མང་བྱས།།GHnརྗེ་ཙོང་ཁ་པའི་དྲ་བ།

འབྱོར་ལྡན་ཁྱིམ་ལ་ནོར་དང་ལུག་རྫི་བགྱིས།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

སྐུ་ཉིད་དགུང་ལོ་བཅུ་དྲུག་སླེབས་པའི་དུས།།GHnརྗེ་ཙོང་ཁ་པའི་དྲ་བ།

དགོངས་གཏེར་བློ་སྒོ་འབྱེད་པའི་དུས་ལ་བབ།།GHnརྗེ་ཙོང་ཁ་པའི་དྲ་བ།

ཐོག་མར་གླིང་སྒྲུང་མི་མིན་དངུལ་རྫོགས་བྲིས།།GHnརྗེ་ཙོང་ཁ་པའི་དྲ་བ།

ཚེ་གཅིག་སྐྱ་ཡ་ཏ་རེ་སྐྱིད་ལ་སྤྲད།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

དེ་ནས་གླིང་སྒྲུང་འབྲི་འདོད་འགོག་མེད་འཕེལ།།GHnརྗེ་ཙོང་ཁ་པའི་དྲ་བ།

གླིང་སྒྲུང་གསར་བ་བརྒྱ་དང་ཉི་ཤུ་ཡི།།GHnརྗེ་ཙོང་ཁ་པའི་དྲ་བ།

ཁ་བྱང་ཆད་མེད་ཤར་མར་འབྲི་གནང་མཛད།།GHnརྗེ་ཙོང་ཁ་པའི་དྲ་བ།

ཆེད་མཁས་གང་མང་ངོ་མཚར་ཧ་ལས་བྱུང་།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

མཁན་ཆེན་འཇིགས་མེད་ཕུན་ཚོགས་ལགས་ཀྱིས་ཀྱང་།།GHnརྗེ་ཙོང་ཁ་པའི་དྲ་བ།

ཁོང་གི་སྙན་པ་གསན་ནས་ངོ་མཚར་སྐྱེས།།GHnརྗེ་ཙོང་ཁ་པའི་དྲ་བ།

གསེར་རྟ་བླ་རུང་སྒར་དུ་གདན་དྲངས་ཤིང་།།GHnརྗེ་ཙོང་ཁ་པའི་དྲ་བ།

གླིང་སྒྲུང་སྙན་མོ་འཆད་དེ་ཡིད་སེམས་བསྒུལ།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

སྐུ་ཉིད་གཏེར་སྒྲུང་གྲགས་ཅན་ཡིན་མ་ཚད།།GHnརྗེ་ཙོང་ཁ་པའི་དྲ་བ།

མི་གཤིས་དྲངས་མོ་ཉག་ཕྲན་མདའ་དང་མཚུངས།།GHnརྗེ་ཙོང་ཁ་པའི་དྲ་བ།

གཞན་ཕན་སྒྲུབ་ལ་དཀར་བོའི་ལྷག་བསམ་མཆིས།།GHnརྗེ་ཙོང་ཁ་པའི་དྲ་བ།

ཀུན་གྱིས་བསྔགས་པའི་མཐེ་བོང་མཐོན་པོར་བསྒྲེངས།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

གེ་སར་རིག་པའི་ཡོན་ཏན་དཔངས་མཐོ་ཞིང་།།GHnརྗེ་ཙོང་ཁ་པའི་དྲ་བ།

མཚན་སྙན་ཕྱོགས་བཞིར་རླུང་ལྟར་ཁྱབ་ན་ཡང་།།GHnརྗེ་ཙོང་ཁ་པའི་དྲ་བ།

ང་རྒྱལ་ཁེངས་དྲེགས་ཏིལ་ཙམ་གང་ན་མཆིས།།GHnརྗེ་ཙོང་ཁ་པའི་དྲ་བ།

ནམ་ཡང་ཞི་དུལ་ངང་ནས་གཞན་ལ་བཀུར།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

ཁོང་གི་ངོ་མཚར་ཅན་གྱི་མཛད་རྗེས་ལ།།GHnརྗེ་ཙོང་ཁ་པའི་དྲ་བ།

ཁུལ་དང་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གིས།།GHnརྗེ་ཙོང་ཁ་པའི་དྲ་བ།

བསྔགས་པའི་མཚན་སྙན་གང་མང་གནང་ལས་གཞན།།GHnརྗེ་ཙོང་ཁ་པའི་དྲ་བ།

རྒྱལ་ཁབ་རིམ་པའི་གཟེངས་རྟགས་ཐེངས་གཉིས་བཞེས།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

མགོ་ལོག་ཡུལ་མཆོག་འདི་ན་སྒྲུང་པའི་རིགས།།GHnརྗེ་ཙོང་ཁ་པའི་དྲ་བ།

བབས་སྒྲུང་པྲ་སྒྲུང་ལ་སོགས་མང་ན་ཡང་།།GHnརྗེ་ཙོང་ཁ་པའི་དྲ་བ།

རྒྱལ་ཁབ་ལས་བྱེད་གྲས་སུ་ཞུགས་མི་སྟེ།།GHnརྗེ་ཙོང་ཁ་པའི་དྲ་བ།

ཁོང་ལས་གཞན་མི་གཅིག་ཀྱང་མེད་པ་འདྲ།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

ད་ལྟ་གེ་སར་རིག་གནས་རྒྱུན་འཛིན་པ།།GHnརྗེ་ཙོང་ཁ་པའི་དྲ་བ།

སོ་སོའི་ཡུལ་ན་མཐོང་རྒྱུ་ཡོད་མོད་ཀྱང་།།GHnརྗེ་ཙོང་ཁ་པའི་དྲ་བ།

རྒྱལ་ཁབ་རིམ་པའི་རྒྱུན་འཛིན་མི་སྣ་སྟེ།།GHnརྗེ་ཙོང་ཁ་པའི་དྲ་བ།

ཁོང་ལས་གཞན་མི་གྲགས་ཅན་གང་ན་ཡོད།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

སྒྲུང་དཔེ་གྲངས་ཀ་འབོར་ཆེན་འཆད་ཤེས་པའི།།GHnརྗེ་ཙོང་ཁ་པའི་དྲ་བ།

སྒྲུང་པ་སྐད་གྲགས་ཅན་རྣམས་ཡོད་ན་ཡང་།།GHnརྗེ་ཙོང་ཁ་པའི་དྲ་བ།

ད་ལྟ་དངོས་སུ་སྒྲུང་དཔེ་སུམ་ཅུ་ལྷག།GHnརྗེ་ཙོང་ཁ་པའི་དྲ་བ།

པར་སྐྲུན་མཛད་པའི་སྒྲུང་མཁན་ཉིན་སྐར་བཞིན།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

ཁོང་ལགས་བདེ་བ་ཅན་ལ་གཤེགས་ཟིན་ཀྱང་།།GHnརྗེ་ཙོང་ཁ་པའི་དྲ་བ།

འཇིག་རྟེན་མི་ཡུལ་འདི་ན་ངོམ་ཆོག་པའི།།GHnརྗེ་ཙོང་ཁ་པའི་དྲ་བ།

ལག་རྗེས་རིན་ཐང་གཞལ་མེད་བསྐྲུན་འདུག་པས།།GHnརྗེ་ཙོང་ཁ་པའི་དྲ་བ།

དེ་འདྲར་སྐྱོ་སྡུག་དྲག་པོས་མནར་དོན་མེད།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

ཡིན་ཀྱང་གེ་སར་རིག་པ་སྐྱོང་མཁས་པའི།།GHnརྗེ་ཙོང་ཁ་པའི་དྲ་བ།

ཁྱེད་ཉིད་གློ་བུར་ཁ་བྲལ་བྱུང་བ་འདིས།།GHnརྗེ་ཙོང་ཁ་པའི་དྲ་བ།

བདག་ཅག་ས་གནས་དང་ནི་རྒྱལ་ཁབ་ལ།།GHnརྗེ་ཙོང་ཁ་པའི་དྲ་བ།

གྱོང་གུད་ཆེན་པོ་བཟོད་བསྲན་མེད་པ་བཟོས།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

ངེད་གཉིས་གེ་སར་རིག་གནས་ལམ་ཆེན་དུ།།GHnརྗེ་ཙོང་ཁ་པའི་དྲ་བ།

མཉམ་དུ་ཡུན་རིང་སྡོངས་པའི་བློས་ཐུབ་གྲོགས།།GHnརྗེ་ཙོང་ཁ་པའི་དྲ་བ།

ཁྱེད་ལ་གཞར་ཡང་རྗེས་དྲན་ཞུ་དང་ལྷན།།GHnརྗེ་ཙོང་ཁ་པའི་དྲ་བ།

ཁོ་བོའི་སྙིང་ཁོང་དབུས་སུ་བཞུགས་ངེས་ལགས།།GHnརྗེ་ཙོང་ཁ་པའི་དྲ་བ།


GHnརྗེ་ཙོང་ཁ་པའི་དྲ་བ།

འཁོར་བའི་རིགས་དྲུག་ལམ་གང་སྙེག་མིན་ཏེ།།GHnརྗེ་ཙོང་ཁ་པའི་དྲ་བ།

རང་ཉིད་ལས་ཀྱང་མི་སུས་བསྒྱུར་དཀའ་མོད།།GHnརྗེ་ཙོང་ཁ་པའི་དྲ་བ།

བདེ་འགྲོ་ལམ་དུ་མ་འགྱངས་སྐྱོད་པ་དང་།།GHnརྗེ་ཙོང་ཁ་པའི་དྲ་བ།

སྒྲུང་མཁན་ཞིག་གི་སྐྱེ་ལུས་ལེན་པར་སྨོན།།GHnརྗེ་ཙོང་ཁ་པའི་དྲ་བ།

  སྤྱི་ལོ2019ལོའི་ཟླ5ཚེས15ལ་གནའ་མཁར་ཟི་ལིང་གི་རང་ཤག་ཏུ་ཐོལ་བྱུང་དུ་སྦྱར་བ་དགེ་གྱུར་ཅིག་གུ། GHnརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།