མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

གློ་ཚད་རིམས་ནད་འགོག་པའི་རྡོ་རྗེ་གོ་ཁྲབ།

    སྤེལ་དུས།  2020-02-08 10:40:42     རྩོམ་པ་པོ།   གཅོད་པ་དོན་གྲུབ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

ཀ་ཡེ་གདོང་དམར་བོད་པའི་སྙིང་གྲོགས་ལྷན་རྒྱས་ཚོ།།G6dརྗེ་ཙོང་ཁ་པའི་དྲ་བ།

ཁ་རྩང་དེ་རིང་གློ་ཚད་ནད་ཡམས་འགོག་མེད་དུ།།G6dརྗེ་ཙོང་ཁ་པའི་དྲ་བ།

ག་སའི་རི་ཀླུང་ནགས་གསུམ་དག་གཙང་ཞིང་ཁམས་འདིར།།G6dརྗེ་ཙོང་ཁ་པའི་དྲ་བ།

ང་ཚོའི་མཐོ་སྒང་ཡུལ་དུ་སླེབས་བྱུང་ཤེས་ཡོད་དམ།།G6dརྗེ་ཙོང་ཁ་པའི་དྲ་བ།


G6dརྗེ་ཙོང་ཁ་པའི་དྲ་བ།

ཅ་ཅོ་ཟང་ཟིང་ཁྲོད་ལ་མ་བགྲོད་ཁྱིམ་ན་སྡོད།།G6dརྗེ་ཙོང་ཁ་པའི་དྲ་བ།

ཆ་མེད་གང་ཟག་རྣམས་དང་འདུས་སྡོད་མེད་ན་ལེགས།།G6dརྗེ་ཙོང་ཁ་པའི་དྲ་བ།

ཇ་ཆང་མཉམ་སྤྱོད་བགྱིས་ན་ནད་དུག་ལམ་སང་འགོ།G6dརྗེ་ཙོང་ཁ་པའི་དྲ་བ།

ཉ་དང་སྲོག་ཆགས་ཁ་ཟས་མ་བྱེད་སྙིང་གི་གྲོགས།།G6dརྗེ་ཙོང་ཁ་པའི་དྲ་བ།


G6dརྗེ་ཙོང་ཁ་པའི་དྲ་བ།

ཏ་རེ་ལོ་གྱོན་མ་ཡི་གཟུངས་སྔགས་བྱིན་རླབས་ཅན།།G6dརྗེ་ཙོང་ཁ་པའི་དྲ་བ།

ཐ་གྲུ་ཆེན་པོའི་འབངས་མིས་མཚམས་མེད་བཟླས་ན་ཕན།།G6dརྗེ་ཙོང་ཁ་པའི་དྲ་བ།

ད་ལྟའི་ཚན་རིག་ཇི་བཞིན་དོ་སྣང་ཡིད་དུ་རྣོགས།།G6dརྗེ་ཙོང་ཁ་པའི་དྲ་བ།

ན་ཚ་ཅི་འབྱུང་སྐྱེ་བོ་ཀུན་ལའང་གདེང་ཚོད་མེད།།G6dརྗེ་ཙོང་ཁ་པའི་དྲ་བ།


G6dརྗེ་ཙོང་ཁ་པའི་དྲ་བ།

པ་ཏྲའི་རིས་གཟུགས་ལྟ་བུའི་འགྲིམ་ལམ་སྣ་ཚོགས་གྲུབ།།G6dརྗེ་ཙོང་ཁ་པའི་དྲ་བ།

ཕ་ཝང་བཞེས་སྤྲོའི་གྲོང་ཁྱེར་གང་ལ་སྐད་ཅིག་སླེབས།།G6dརྗེ་ཙོང་ཁ་པའི་དྲ་བ།

བ་རེ་བོ་རེར་གང་ཡུལ་གྲོང་དུ་སྐྱོད་མི་རིགས།།G6dརྗེ་ཙོང་ཁ་པའི་དྲ་བ།

མ་ལོས་བུ་ལ་གདམས་པའི་གསུང་ལྟར་གཙི་སྲུང་མཁོ།།G6dརྗེ་ཙོང་ཁ་པའི་དྲ་བ།


G6dརྗེ་ཙོང་ཁ་པའི་དྲ་བ།

ཙ་རི་གནས་ཆེན་རྣམས་སུ་མཇལ་སྐོར་གོམ་མཚམས་ཞོག།G6dརྗེ་ཙོང་ཁ་པའི་དྲ་བ།

ཚ་འུར་ཆེ་སྐབས་བློ་སེམས་ལྷོད་ཅིང་འཇིགས་སྐྲག་སྤངས།།G6dརྗེ་ཙོང་ཁ་པའི་དྲ་བ།

ཛ་དྲག་སྐབས་སུ་སྙིང་རྗེ་ཕྱག་ཟུང་རིང་དུ་སྲིངས།།G6dརྗེ་ཙོང་ཁ་པའི་དྲ་བ།

ཝ་མོ་སྟག་བརྫུས་མགོ་སྐོར་གཏོང་མིར་ཁྲིམས་ཐག་ཆོད།།G6dརྗེ་ཙོང་ཁ་པའི་དྲ་བ།


G6dརྗེ་ཙོང་ཁ་པའི་དྲ་བ།

ཞྭ་མོའི་ཏོག་ལྟར་མངོན་པའི་བླ་སྤྲུལ་དཔོན་ཆེན་དང་།།G6dརྗེ་ཙོང་ཁ་པའི་དྲ་བ།

ཟ་འོག་གོས་ཀྱིས་གཡོགས་པའི་གཞོན་ནུ་སྟག་ཤར་ཀུན།།G6dརྗེ་ཙོང་ཁ་པའི་དྲ་བ།

འ་ཅག་འགྲོ་ཀུན་མ་ལུས་ནད་རིམས་དྲག་པའི་ཁྲོད།།G6dརྗེ་ཙོང་ཁ་པའི་དྲ་བ།

ཡ་མེད་དཔའ་བོ་མ་མཆིས་ཚེ་སྲོག་གཅེས་སུ་ཟུངས།།G6dརྗེ་ཙོང་ཁ་པའི་དྲ་བ།


G6dརྗེ་ཙོང་ཁ་པའི་དྲ་བ།

ར་ལུག་ཕྱུགས་རིགས་འཚོ་བའི་ཁོར་ཡུག་སྐྱེ་ཁམས་སྲུངས།།G6dརྗེ་ཙོང་ཁ་པའི་དྲ་བ།

ལ་ལུང་མཐོ་སར་གནས་མིས་འཕྲོད་བསྟེན་ནམ་རྒྱུན་བྱོས།།G6dརྗེ་ཙོང་ཁ་པའི་དྲ་བ།

ཤ་རིགས་ཞིམ་ཀྱང་སྔོ་ཚོད་སོགས་ལ་བསྟེན་ན་སྨན།།G6dརྗེ་ཙོང་ཁ་པའི་དྲ་བ།

ས་གཞི་ཆེན་པོར་བཀུར་ན་འབྱུང་བཞི་འཁྲུག་མི་ནུས།།G6dརྗེ་ཙོང་ཁ་པའི་དྲ་བ།


G6dརྗེ་ཙོང་ཁ་པའི་དྲ་བ།

ཧ་ཅང་དོགས་མེད་བགྱིས་ན་ནད་ཡམས་གཤེད་མའི་ཚོགས།G6dརྗེ་ཙོང་ཁ་པའི་དྲ་བ།

སྙིང་རྗེ་ཏིལ་ཙམ་མ་མཆིས་དཔུང་འཇུག་ཚམ་ཚོམ་མེད།།G6dརྗེ་ཙོང་ཁ་པའི་དྲ་བ།

ཨ་རོག་སྙིང་གྲོགས་ཀུན་གྱིས་ནད་འཇོམས་གོ་ཆ་གྱོན།།G6dརྗེ་ཙོང་ཁ་པའི་དྲ་བ།

ཁོ་བོའི་གཞེན་སྐུལ་སྙིང་གཏམ་བརྗོད་དོན་འགྲུབ་པར་ཤོག།G6dརྗེ་ཙོང་ཁ་པའི་དྲ་བ།


G6dརྗེ་ཙོང་ཁ་པའི་དྲ་བ།

     ཅེས2020ལོའི་ཟླ2ཚེས7ལ་གཅོད་པ་དོན་གྲུབ་ཀྱིས་གནའ་མཁར་ཙོང་ཁའི་ཟི་ལིང་རང་ཤག་ཏུ་སྦྱར་བ་ཀུན་ལ་ཕན་པར་ཤོགG6dརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།